𝐂𝐥𝐚𝐬𝐬 𝐗𝐈 𝐀𝐝𝐦𝐢𝐬𝐬𝐢𝐨𝐧 𝟐𝟎𝟐𝟐
ཐིམ་ཕུག་ཁྲོམ་སྡེ་གིས་ཁྱབ་བསྒྲགས་འབད་མི་ནང་ སློབ་རིམ་༡༠་པ་མཐར་འཁྱོལ་མི་ ཐིམ་ཕུག་ཁྲོམ་སྡེའི་འོག་ལུ་ཡོད་པའི་སྒེར་དང་གཞུང་གི་སློབ་གྲྭའི་སློབ་ཕྲུག་ཚུ་ལུ་ལྷན་ཁག་གི་གནང་ཡོད་མི་ཡིག་ཨང་ MoE/DSE/SPCD/ADM/ (1.2) 2022/567གི་རིམ་ལུགས་དང་འཁྲིལ་ཏེ་ སློབ་རིམ་༡༢་པ་ནང་འཛུལ་ཞུགས་འབད་ནིའི་སྐོར་ལས་ཁྱབ་བསྒྲགས་འབདཝ་ཨིན།
༡ སློབ་རིམ་༡༠་པ་༢༠༢༡་སྡེ་ཚན་གྱི་སློབ་ཕྲུག་ཚུ་སློབ་རིམ་༡༡་པ་ནང་འཛུལ་ཞུགས་འབདནི་འདི་དབྱིན་ཚེས་༣་ལས་༤/༥/༢༠༢༢་ལུ་འཛུལ་ཞུགས་ཀྱི་ཚོགས་ཆུང་འདི་གི་འགོ་འདྲེན་འཐབ་འོང།
༢ སློབ་ཕྲུག་ཚུ་གི་རང་སོའི་ཆོས་ཚན་གྱི་གདམ་ཁའི་སྐོར་ལས་རང་སོའི་སློབ་གྲྭའི་དབུ་འཛིན་ལུ་དབྱིན་ཚེས་༢༩/༤་ལས་ ༢/༥/༢༠༢༢ གི་ནང་འཁོད་སྙན་ཞུ་འབད་དགོ།
༣ རྫོང་ཁག་གཞན་མི་ནང་གི་སློབ་ཕྲུགའི་ཕམ་ཐིམ་ཕུག་ཁྲོམ་སྡེ་ནང་ལུ་གནས་སོར་འོང་མི་ཚུ་ དབྱིན་ཟླ་༤་པའི་དབྱིན་ཚེས་༢༩་ལས་དབྱིན་ཟླ་༥་པའི་དབྱིན་ཚེས་༢་གི་ནང་འཁོད་ཁྲོམ་སྡེའི་ཤེས་རིག་ཡིག་ཚང་གི་ཁ་བྱང་(thimthrom@moe.gov.bt )ནང་ལུ་འཛུལ་ཞུགས་གི་དོན་ལུ་ཞུ་བ་ཕུལ་དགོཔ་ཨིན།་
ཡིག་ཆ་ཚང་དགོཔ།
- ཞུ་ཡིག་དང་རང་སོའི་གདམ་ཁ་རྐྱབ་ཡོད་པའི་ཆོས་ཚན་དང་སླཽབ་གྲྭའི་ཐོ།
- ཕམ་གྱི་ངོ་སྤྲོད་ལག་ཁྱེར་གྱི་འདྲ།
- རང་སོའི་ཕམ་གྱི་གནས་སོར་་གི་གནང་བའི་ཡི་གུ།
- སློབ་རིམ་༡༠་པའི་སྐུགས་ཚདའི་འདྲ༼༢༠༢༡༽
༤ ཤེས་རིག་ལྷན་ཁག་གི་རིམ་ལུགས་དང་འཁྲིལ་ཏེ་སློབ་རིམ་༡༡་པའི་འཛུལ་ཞུགས་འདི་སྐུགས་ཚད་དང་འཁྲུལ་ཏེ་བཞག་ནི་ཨིན།
༥ སློབ་ཕྲུག་ཚུའི་འཛུལ་ཞུགས་ཀྱི་སྐོར་ལས་སློབ་ཕྲུག་ཚུ་ལུ་དབྱིན་ཟླ་༥་པའི་དབྱིན་ཚེས་༥་དང་༦་༢༠༢༢་ལུ་སློབ་ཕྲུག་ཚུ་ལུ་སྙན་ཞུ་འབད་འོང།
༦ ཐིམ་ཕུག་ཁྲོམ་སྡེའི་སློབ་གྲྭ་ཚུ་ནང་མ་ཐོབ་མི་ཚུ་ཤེས་རིག་ལྷན་ཁག་གི་རིམ་ལུགས་དང་འཁྲིལ་ཏེ་སློབ་གྲྭ་གཞན་མི་ནང་བཙུགས་འོང།
༧ ཁྲིམ་ཕུག་ཁྲོམ་སྡེ་ནང་ཐོབ་མི་སློབ་ཕྲུག་ཆ་མཉམ་དབྱིན་ཟླ་༡༦་༢༠༢༢་ལུ་འོང་དགོཔ་ཨིན།
༨ སློབ་ཕྲུག་ཚུ་ཐིམ་ཕུག་ཁྲོམ་སྡེའི་ནང་འཁོད་སློབ་རིམ་༡༡་པའི་ནང་འཛུལ་ཞུགས་འབད་དགོ་མི་ཚུ་མི་ངོམ་འབད་འོང་མི་དགོ།