མི་མང་གསལ་བསྒྲགས།
༉ རང་ལུགས་གནམ་ལོ་ཤིང་མོ་སྦྲུལ་ལོ་ རང་ཟླ་༡༢་པའི་ཚེས་༢༤་དང་ སྤྱི་ཚེས་༢༡.༠༢.༢༠༢༥་གི་ཉིནམ་ཁྱད་པར་ཅན་དང་འབྲེལ་ ང་བཅས་འབྲུག་མི་ཡོངས་ཀྱི་ བསོད་ནམས་སྤྱི་མཐུན་ལས་གྲུབ་པའི་ སྨན་ལྗོངས་སའི་ཚངས་པ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ དགུང་ལོ་༤༥་བཞེས་པའི་ འཁྲུངས་སྐར་དུས་སྟོན་ བརྩི་སྲུང་ཞུ་ནིའི་ལས་རིམ་འདི་ མཐར་འཁྱོལ་ཅན་ཅིག་སྦེ་ འགོ་འདྲེན་འཐབ་ཐབས་ལུ་དམིགས་ཏེ་ སྤྱི་ཚེས་༢༡.༠༢.༢༠༢༥་གི་ཉིནམ་ དྲོ་པ་ཆུ་ཚོད་༨་ལས་ ཕྱི་རུ་ཆུ་ཚོད་༩་ཚུན་ ཐིམ་ཁྲོམ་གྱི་ནོར་འཛིན་ལམ་འདི་ སྣུམ་འཁོར་འགྲོ་འགྲུལ་བཀག་བསྡམ་འབད་དེ་ རྐང་འགྲུལ་འབད་ནི་རྐྱངམ་ཅིག་ཆོག་ཟེར་ གསལ་བསྒྲགས་འབདཝ་དང་འབྲེལ་ མི་མང་ཡོངས་ཀྱིས་ རྒྱབ་སྐྱོར་གང་དྲག་མཛད་གནང་སྟེ་ བཀྲིན་བསྐྱང་གནང་ཟེར་ཞུཝ་ཨིན།
(ཨྱོན་རྡོ་རྗེ)
ཁྲོམ་དཔོན།