ཐིམ་ཕུག་ཁྲོམ་སྡེ་གིས་ཕྱོགས་གཅིག་གི་ཐོགས་ལུ འོག་ལུ་བཀོད་ཡོད་པའི་ས་སྟོང་གི་གསལ་བསྒྲགས་འབདཝ་ཨིན།
ཨང |
གོ་གནས |
གོ་གནས་ཀྱི་གནས་ཚད |
ས་སྟོང |
ལས་སྡེ་ |
༡ |
ས་ཐོ་བཀོདཔ་ལས་རོགསཔ་༥ |
ཨེས་༥་ཀེ |
༡ |
སའི་ཐོ་བཀོད་དང་ས་འཇལ་སྡེ་ཚན། ཁྲིམ་ཕུག་ཁྲོམ་སྡེ། |
གོང་གི་ས་སྟོང་གི་དོན་ལུ ་ལཱ་གཡོག་ནང་ཨིན་པའི་སྤྲོ་བ་ཡོད་མི་དང་ཤེས་ཚད་དང་ལྡན་མི་ཚུ་གི་ རང་སོའི་ཡིག་ཆ་ཚུ་ཁྲོམ་སྡེའི་མི་སྟོབས་སྡེ་ཚན་ལུ་དབྱིན་ཚེས་༡༦/༠༨/༢༠༢༡་གི་ནང་འཁོད་བཙུགས་གནང།
ཡིག་ཆ་དགོཔ་།
༡་ མི་སྟོབས་འགོ་དཔོན་གྱི་བདེན་དཔྱད་འབད་ཡོད་པའི་རང་སོའི་ཁྱད་ཡོན་ཐོ།
༢་ རང་སོའི་ལས་སྡེ་གི་ཉོག་མེད་ཀྱི་ཡིག་གུ།
༣་ རྩི་ཞིབ་ཉོག་མེད་ཀྱི་ལག་ཁྱེར།
༤་ ཉེན་སྲུང་ཉོག་མེད་ལག་ཁྱེར།
༥་ སྦྱོང་བརྡར་ལག་ཁྱེར།
༦་ རང་སོའི་བྱ་སྒོའི་བཀོད་རིམ།
ཕྱི་སེལ་གྱི་ཐོ་དང་གདམ་འཐུའི་འདྲི་བ་དྲི་ལེན་གྱི་ཁ་བསལ་ཚུ་ ཁྲོམ་སྡེའི་ཡོངས་འབྲེལ་འཆར་སྒོ་འི་ཐོག་ལུ་གསལ་བསྒྲགས་འབད་འོང།
ཁ་གསལ་གྱི་དོན་ལུ་མི་སྟོབས་སྡེ་ཚན་ལུ་༠༢༣༢༧༥༡༣་དང་འབྲེལ་བ་མཛད་གནང།
བདག་སྐྱོང་གཙོ་འཛིན་འགོ་དཔོན