Notification Period:
14 October 2020
To
24 October 2020

༉  མཁྱེན་ཡངས་ ཐིམ་ཁྲོམ་འདེམས་ཁོངས་འཐུས་མི་ཡོངས་ལུ། ཞུ་དོན་དེ་ནི་ཞི་བའི་ཐོ་བཀོད་དང་མི་རྩིས་ལས་ཁུངས་ཀྱི་ཡོངས་ཁྱབ་མདོ་ཆེན་ལས་ཡིག་ཨང་ ད༼དྲི་སི་ཨར་སི_༢༠༽༥༤༨ སྤྱི་ཚེས་༡༢-༡༠-༢༠༢༠་ལུ་འབྱོར་པའི་ནང་གསལ་ ད་རེས་མི་རྩིས་ལས་ཁུངས་ཀྱིས་ ནད་ཡམས་ཀོ་ཝིཊ-༡༩་སྔོན་འགོག་དང་ཁྱབ་སྤེལ་འགྱོ་ནི་ལས་བཀག་ཐབས་དང་གདོང་ལེན་འབད་ནི་ཐབས་བྱུས་ལུ་དམིགས་ཏེ་སྤྱི་ལོ་༢༠༢༠་གི་ལོ་བསྟར་མི་རྩིས་འདི་རྐྱབ་ཐངས་ཀྱི་བྱ་སྒོའི་ལསམ་སྟོན་ཅིག་བཟོ་སྟེ་ནང་སྲོལ་ལྷན་ཁག་ལུ་སྙན་སྲོལ་ཕབས་སྐབས་ད་ལོར་རྫོང་ཁག་དང་ཁྲོམ་སྡེའི་ལོ་བསྟར་མི་རྩིས་འདི་རྐྱབ་མ་དགོ་པའི་གནང་བ་གྲོལ་འདུག་རུང་ཁྲོམ་སྡེ་ནང་གཤམ་ལུ་འཁོད་ཡོད་པའི་བྱ་སྒོའི་ལམ་སྟོན་དང་འཁྲིལ་མཛད་དགོཔ་དེ་ཡང།

༡  ཁྲོམ་སྡེ་ཚོགས་པ་ཚུ་དང་མཉམ་འབྲེལ་འབད་དེ་སྐྱེ་ཤི་སྙན་ཞུ་ཚུ་འབྲུག་ཞི་བའི་ཐོ་བཀོད་རིམ་ལུགས་ནང་ལུ་ཐོ་བཀོད་ཐགོཔ་ཨིན།                          
 

༢ འདེམས་ཁོངས་ནང་མི་སེར་ཚུ་གི་སྐྱེས་ཤི་སྙན་ཞུ་ཡུན་འགྱངས་སྦེ་བཞག་ཡོད་མེད་ཚོགས་པ་དང་རྩ་ངོམ་ཚུ་གིས་མཉམ་འབྲེལ་འབད་དེ་སྐྱེས་ཤི་སྙན་ཞུ་ཚུ་འབྲུག་ཞི་བའི་ཐོ་བཀོད་རིམ་ལུགས་ནང་ལུ་ཐོ་བཀོད་དུས་མཐུན་འབད་དགོ་པའི་གོ་བརྡ་སྤྲོད་དགོ།

༣ འདེམས་ཁོངས་འཐུས་མི་ཚོགས་པ་རང་སོའི་ཨ་ལོ་གསར་སྐྱེས་ཚུ་ད་རེས་ནད་ཡམས་ཀོ་ཝིཊ-༡༩་ལས་བརྟེན་ཏེ་མི་རྩིས་འཛགས་ལུས་ཤོར་མ་བཅུ་དུས་མཐུན་མི་རྩིས་བཙུག་ནི་ལུ་བཙོན་ཤུགས་བསྐྱེད་དགོ་པའི་དྲན་བསྐུལ་འབད་དགོ།

༤ ཁྲོམ་སྡེ་ཞི་བའི་ཐོ་བཀོད་དང་མི་རྩིས་འགོ་དཔོན་ཚུ་གིས་སྐྱེས་ཤི་སྙན་ཞུ་ཚུ་ཟླ་རིམ་བཞིན་དུ་ལས་ཁུངས་ལྟེ་བ་ལུ་སྙན་ཞུ་ཕུལ་དགོཔ་ལས་བརྟེན་དེ་བཞིན་སྐྱེས་ཤི་སྙན་ཞུ་བསྡུ་ལེན་འབད་དེ་དུས་ཐོག་སྙན་ཞུ་ཕུལ་དགོ།

དེར་བརྟེན་ཁྲོམ་སྡེ་མི་རྩིས་སྡེ་ཚན་དང་འདོམས་ཁོངས་ཚོགས་པ་ཚུ་གིས་སྐྱེས་ཤི་སྙན་ཞུ་བསྡུ་ལེན་དང་དུས་མཐུན་འབད་ནི་གི་ལས་སྣ་བརྩིས་ཏེ་གཞན་ཞི་བའི་ཐོ་བཀོད་དང་མི་རྩིས་ཞབས་ཏོག་ཚུ་བྱིན་པའི་སྐབས་ལུ་གསོ་བའི་ལྷན་ཁག་གི་གནང་ཡོད་པའི་ཀོ་ཝིཊ-༡༩་བཀག་ཐབས་དང་ཉེན་སྲུང་གི་ལམ་སྟོན་དང་སྒྲིག་གཞི་ཚུ་ལུ་གནས་དགོ་པའི་སྐོར་དྲན་བསྐུལ་འབད་དགོཔ་བཅས་ཐུགས་ལ་མངའ་བར་ཞུ།
.

ཁ་གསལ་གི་དོན་ལུ་༠༢-༣༣༢༤༢༩་དང་འབྲེལ་བ་མཛད་གནང།

Attachment Size
NotificationOn Census.pdf 182.28 KB