ཐིམ་ཕུ་ཁྲོམ་སྡེ་གིས་ གཤམ་འཁོད་ཀྱི་གཡོག་གི་ས་སྟོང་ནང་ གདམས་འཐུ་གྲུབ་ཡོད་པའི་ གྲུབ་འབྲས་གསལ་སྟོན་འབདཝ་ཨིན། འདི་འབད་ནི་འདི་གིས་ གདམས་འཐུ་གྲུབ་ཡོད་མི་ཚུ་ དབྱིན་ལོ་༢༠༡༩ དབྱིན་ཟླ་༡༠པའི་ དབྱིན་ཚེས་༢༣ དྲོ་པ་ཆུ་ཚོད་ ༡༠ལུ་ ཁྲོམ་སྡེའི་མི་སྟོབས་ཡིག་ཚང་ནང་ སྨྱོ་རྫས་བརྟག་ཞིབ་དང་ ཁག་འབག་གན་རྒྱ་ལུ་ མཚན་རྟགས་བཀོད་པར་ འོང་དགོཔ་ཨིན། འདི་གི་དོན་ལུ་ གདམས་འཐུ་གྲུབ་མི་མི་ངོམ་ཚུ་གིས་ སྨྱོ་རྫས་བརྟག་ཞིབ་ཀྱི་དོན་ལུ་ དངུལ་ཀྲམ་༢༦༡/-དང་ གཞན་ཡང་ རང་སོའི་པར་ཕྱེད་གཉིས་དང་ ཁྲིམས་ལྡན་འགྲེམས་རྟགས་གཉིས་རེ་ འབག་འོང་དགོཔ་ཨིན།
མཐའ་དཔྱད་གདམས་འཐུ་འདི་ཡང་ ངག་ཐོག་ཆོས་རྒྱུགས་ལས་ བརྒྱ་ཆ་༥༠དང་ ཤེས་ཡོན་སྐུགས་ཚད་ལས་ བརྒྱ་ཆ་༥༠་རེ་རྩིས་རྐྱབ་སྟེ་ཡོདཔ་ཨིན། འདི་ཡང་ གཙུག་ལག་ཤེས་ཚད་ལས་ བརྒྱ་ཆ་༥༠། སློབ་རིམ་༡༢་པའི་ནང་ལས་ བརྒྱ་ཆ་༣༠། འདི་བཟུམ་སྦེ་ སློབ་རིམ་༡༠པའི་ནང་ལས་ བརྒྱ་ཆ་༢༠རེ་ རྩིས་རྐྱབ་སྟེ་ཡོདཔ་ཨིན།
དྲན་གསོ།
བཟོ་རིག་འགོ་དཔོན་ཆུང་རིམ་ནང་ཚུད་མི་ཚུ་ དབྱིན་ལོ་༢༠༢༠ དབྱིན་ཟླ་༡པའི་ དབྱིན་ཚེས་༡ལས་རྐྱངམ་ཅིག་ བསྐོ་བཞག་འབད་ནི་ཨིན། ཨིན་རུང་ གཞན་མི་ཚུ་ དབྱིན་ལོ་༢༠༡༩ དབྱིན་ཟླ་༡༡པའི་ དབྱིན་ཚེས་༡ ལུ་ བསྐོ་བཞག་འབད་ནི་ཨིནམ་ལས་ གེ་ར་གིས་ གོང་འཁོད་དུས་ཚོད་ནང་ འཐུས་ཤོར་མེད་པར་ བྱོན་གནང་ཟེར་ ཁྱབ་བསྒྲགས་འབདཝ་ཨིན།