ཐིམ་ཕུག་ཁྲོམ་སྡེ་གིས་ གཤམ་འཁོད་ཀྱི་གཡོག་གི་ས་སྟོང་ཚུ་ གསལ་བསྒྲགས་འབདཝ་ཨིན། མཉམ་སྡེབ་ཁག་འབག།
གཡོག་གི་མིང་། |
གོ་གནས། |
ས་སྟོང་། |
ཤེས་ཚད་ཉུང་མཐའ། |
ས་གནས། |
དངུལ་ཕོགས། |
འཕྲུལ་རིགཔ། ༼འཕྲུལ་རིག། གློག་རིག། ཆུ་དུང་བཙུགས་ལས།༽ |
S3 |
༢ |
སློབ་རིམ་༡༠པ་དང་ NC3་གི་ཤེས་ཚད་དགོ། / ལག་རྩལ་སྦྱོང་བརྡར་ཡོད་མི་ གཞུང་གཡོག་ནང་ཕྱག་ཞུ་མི་ཅིག་དགོཔ་ཨིན། |
ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་ཡིག་ཚང་ཉེ་འདབས་ཀྱི་ བཙོག་ཆུ་སྐྱོང་བཞག་ལས་འགུལ་ 2MLD དང་ རྟ་བབ་བཙོག་ཆུ་སྐྱོང་བཞག་ལས་འགུལ། |
དངུལ་ཀྲམ་༡༣༥༥༠.༠༠/-དང་ ཁང་གླའི་འཐུས་དངུལ་ཀྲམ་༢༧༡༠.༠༠/- |
སྒེར་དྲུང་ III |
S5 |
༡ |
སློབ་རིམ་༡༢པའི་ཤེས་ཚད་དང་ ཟིན་བྲིས་བཏབ་ནི། གློག་རིག་ལག་ལེན་དང་ ཡིག་ཚང་འཛིན་སྐྱོང་གི་ནང་ལུ་ སྦྱོང་བརྡར་ཉུང་མཐའ་ཟླཝ་དྲུག་འབད་ཡོད་མི་ཅིག་དགོཔ་ཨིན། |
ཁྲོམ་དཔོན་ཡིག་ཚང་། |
དངུལ་ཀྲམ་༡༡༡༢༥.༠༠/-དང་ ཁང་གླའི་འཐུས་ དངུལ་ཀྲམ་༢༢༢༥.༠༠/- |
ཆུ་དུང་བཙུགས་ལསཔ། |
ཉིན་ལྟར། |
༡ |
སློབ་རིམ་༡༢པའི་ཤེས་ཚད་ཡོད་པའི་ཁར་ ལག་རྩལ་སྦྱོང་བརྡར་སྤེལ་ཁང་ནང་ལས་ ཆུ་དུང་བཙུགས་ལས་ཀྱི་སྦྱོང་བརྡར་ཡོད་མི་ཅིག་དགོཔ་ཨིན། |
བཟོ་རིག་སྡེ་ཚན། |
ཉིན་གྲངས་རེ་ལུ་ དངུལ་ཀྲམ་༢༨༦/- |
ཕྱགསམ་འཕྱག་མི། |
ཉིན་ལྟར། |
༢ |
མི་དགོ། |
བདེ་ཆེན་ཆོས་གླིང་ཆུ་སྐྱོང་བཞག་ལས་འགུལ་དང་ མེ་མེ་ལ་ཁ། |
ཉིན་གྲངས་རེ་ལུ་ དངུལ་ཀྲམ་༢༡༥/-
|
ཁྱིམ་སྲུངཔ། |
ཉིན་ལྟར། |
༡ |
མི་དགོ། |
ལྕང་ཇི་ཇི་ ཆུ་མཛོད། |
སྤྲོ་བ་ཡོད་མི་འབྲུག་མི་ཚུ་གིས་ རང་སོའི་གཤམ་འཁོད་ཀྱི་ཡིག་ཆ་ཚུ་ དབྱིན་ལོ་༢༠༡༩ དབྱིན་ཟླ་༥པའི་ དབྱིན་ཚེས་༢༡གི་ནང་འཁོད་ནང་ ཁྲོམ་སྡེའི་མི་སྟོབས་སྡེ་ཚན་ནང་བཙུགས་གནང་།
༡. གཞི་གཡོག་འབྲི་ཤོག་༤/༡
༢. ཁྱད་ཡོན་བརྡ་དོན་ཁ་གསལ།
༣. སློབ་རིག་ལག་ཁྱེར་འདྲ།
༤. འབྲེལ་ཡོད་ཀྱི་སློབ་སྦྱོང་ལག་ཁྱེར།
༥. ངོ་སྤྲོད་ལག་ཁྱོར་འདྲ་པར།
༦. ཆ་གནས་ཅན་གྱི་ གསོ་བའི་ལག་ཁྱེར།
༧. ཉེན་སྲུང་ཉོག་མེད་ལག་ཁྱེར།
༨. གཞུང་གཡོག་ནང་ཨིན་པ་ཅིན་ ལས་སྡེ་ལས་ཉོག་མེད་ལག་ཁྱེར།
སློབ་རིམ་༡༠་དང་ ༡༢་པ་ལས་ སྐུགས་བརྒྱ་ཆ་༥༠རེ་རྩིས་རྐྱབ་སྟེ་ ཕྱི་སལ་གདམས་འཐུ་འབད་ནི་ཨིན། སྟེ་ ཕྱི་སེལ་གདམས་འཐུ་སྒྲུབ་ཡོད་མི་ཚུ་ ཁྲོམ་སྡེའི་གློག་རིག་འཆར་སྒོ་ www.thimphucity.gov.btལུ་ གསལ་བསྒྲགས་འབད་ནི་ཨིན། ཁ་གསལ་སྦེ་མཁྱེན་འདོད་ཡོད་པ་ཅིན་ མི་སྟོབས་སྡེ་ཚན་དང་གཅིག་ཁར་ ཡིག་ཚང་གི་དུས་ཚོད་ཁར་ བརྒྱུད་འཕྲིན་ཨང་༢༣༢༧༥༡༣ གི་ཐོག་ལས་ འབྲེལ་བ་འཐབ་གནང་།
བདག་སྐྱོང་འགོ་དཔོན་གཙོ་འཛིན།