བདེ་ཆེན་ཟམ་པ་ལས་ ལུང་བསྟན་ཟམ་པ་ཚུན་ འཁོར་ལམ་རྒྱ་བསྐྱེད་ཀྱི་ལས་འགུལ་གྱི་དོན་ལུ་ གཤམ་འཁོད་ཀྱི་གཡོག་གི་ས་སྟོང་ཚུ་ ཡོདཔ་ཨིན།
གཡོག་གི་མིང་། |
གོ་གནས། |
གྱངས་ཁ། |
ཤེས་ཚད་ཉུང་མཐའ། |
ས་གནས།/སྡེ་ཚན། |
དངུལ་ཕོགས། |
གནས་ཡུན། |
བཟོ་སྐྲུན་ས་ཁོངས་ལྟ་བརྟོག་པ། |
S5 |
༡ |
སློབ་རིམ་༡༢། (སི་བིལ་ ལག་རྩལ་སྦྱོང་བརྡར་ནང་མཐར་འཁྱོལ་མི།) |
བཟོ་རིག་སྡེ་ཚན། |
དངུལ་ཀྲམ་༡༡,༡༢༥/- དང་ ཁང་གླའི་འཐུས་དངུལ་ཀྲམ་༢,༢༢༥/- |
ལོ་༡། ལས་འགུལ་འདི་མ་རྫོགས་ཚུན་ གནས་ཡུན་ཡར་སེང་འབད་ནི་ཨིན། |
ཁྱད་ཚད་ལྡན་མི་ འབྲུག་པའི་མི་ཁུངས་ཚུ་གིས་ དབྱིན་ལོ་༢༠༡༩་ དབྱིན་ཟླ་༢པའི་ དབྱིན་ཚེས་༡༨ཀྱི་ནང་འཁོད་ལུ་ གཤམ་འཁོད་ཀྱི་རང་སོའི་ཡིག་་ཆ་ཚུ་ ཁྲོམ་སྡེའི་མི་སྟོབས་སྡེ་ཚན་ནང་ བཙུག་གནང་ཟེར་ ཞུ་ནི་ཨིན།
༡. ཞི་གཡོག་འབྲི་ཤོག་ཨང་-༤/༡ཅན་མ་བཀང་བཀངམ།
༢. ཞི་གཡོག་གནས་སྡུད་རིམ་ལུགས་ལྟར་གྱི་ ཁྱད་ཡོན་ཐོ།
༣. ཤེས་ཡོན་གྱི་སྐུགས་ཁྲམ་འདྲ་བཤུས།
༤. འབྲེལ་ཡོད་ཀྱི་ སྦྱོང་བརྡར་ལག་ཁྱེར། ཡོད་པ་ཅིན།
༥. ངོ་སྤྲོད་ལག་ཁྱེར་འདྲ་པར།
༦. སྨན་ཁང་ནང་ལས་གཟུགས་ཁམ་འཕྲོད་བསྟེན་གྱི་ལག་ཁྱེར།
༧. ཉེན་སྲུང་ཉོག་མེད་ལག་ཁྱེར།
༨. ལཱ་གཡོག་ནང་ཨིན་པ་ཅིན་ རང་སོའི་ལས་སྡེ་ལས་ ཉོག་མེད་ལག་ཁྱེར།
ཕྱི་སེལ་གདམས་འཐུ་གྲུབ་པའི་མིང་ཐོ་ཚུ་ཡང་ ཁྲོམ་སྡེའི་ཡོངས་འབྲེལ་འཆར་སྒོ་ www.thimphucity.gov.btལས་ གཟིགས་ཚུགས་ནི་དང་ བརྡ་དོན་ཁ་གསལ་སྦེ་མཁྱེན་འདོད་ཡོད་པ་ཅིན་ ཁྲོམ་སྡེའི་མི་སྟོབས་སྡེ་ཚན་དང་གཅིག་ཁར་ ཡིག་ཚང་གི་དུས་ཚོད་ཁར་ བརྒྱུད་འཕྲིན་ཨང་ ༢༣༢༧༥༡༣གི་ཐོག་ལས་ འབྲེལ་བ་འཐབ་གནང་ཟེར་ ཞུ་ནི་ཨིན།
བདག་སྐྱོང་གཙོ་འཛིན་འགོ་དཔོན།