Notification Period:
02 August 2019
To
02 December 2019

གཡོག་གི་ས་སྟོང་དང་  དེའི་བརྡ་དོན་ཁ་གསལ།    མཉམ་སྡེབ་ཁག་འབག།

ཨང་གྲངས།

གཡོག་གི་མིང་།

གོ་གནས་དབྱེ་རིམ།

ས་སྟོང་གྱངས་ཁ།

ཤེས་ཚད།

ཆོས་ཚན།

དུས་ཡུན།

དྲན་གསོ།

སློབ་ཚབ།

ཁྱད་འཛིན་༥(ཁ)  

 

 

 

༡༩

 

 

 

 

 

 

 

 

སྤྱིར་བཏང་།

གཙུག་ལག་ཤེས་ཚད་ཡོད་མི།

 

 

 

སྐྱེ་ལྡན་རིག་པ།             ༡

རྫས་ཁམས་རིག་པ།          ༡

ཨང་རྩིས་རིག་པ།           ༢

རྫོང་ཁ།                   ༥

ས་ཆ་རིག་པ།               ༡

ཚན་རིག།                  ༡

བརྡ་དོན་འཕྲུལ་རིག།        ༡

སྤྱིར་བཏང་།               ༤

ཨིང་སྐད།                 ༢

དངོས་ཁམས་རིག་པ།       

ཟླཝ་༦།

(ཁག་འབག་གི་གནས་ཡུན་འདི་ ཡར་སེང་འབད་ནི་མེད།)

 

ཤེས་རིག་ནང་ལུ་ མཐོ་རིམ་གོང་མའི་ཤེས་ཚད་ཡོད་མི་དང་ གཙུག་ལག་གཞི་རིམ་གྱི་ཤེས་ཚད་ཡོད་མི་ དེ་ལས་ ཁས་བླངས་ཀྱི་ཐོག་ལས་ དགོངས་ཞུ་འབད་ཡོད་མི་ སློབ་དཔོན་ཚུ་ལུ་གོ་སྐབས་ཡོད།

 

དྲན་གསོ།

མི་ངོམ་གཅིག་གིས་ ས་སྟོང་གཅིག་ནང་རྐྱངམ་ཅིག་ ཞུ་ཡིག་བཙུགས་ཆོག་ནི་ཨིན།

རྒྱལ་ཡོངས་ཁག་འབག་སློབ་དཔོན།

 

 

ཁྱད་འཛིན་༥།(ག)

 

 

 

རྫས་འབྱོར་རིག་པ།          ༡

བརྡ་དོན་འཕྲུལ་རིག།        ༡

ས་ཆ་རིག་པ།               ༣

ཨིང་སྐད།                 ༡

ཨང་རྩིས་རིག་པ།          ༢

སྐྱེ་ལྡན་རིག་པ།/རྫས་འབྱོར་རིག་པ།                 ༡

ལོ་༡། 

(གནས་ཡུན་ཡར་སེང་འབད་ནི་མེད།)

 

           

ཡིག་ཆ་ཚང་དགོཔ།

༡.  རྒྱལ་གཞུང་གཞི་གཡོག་ལྷན་ཚོགས་ཀྱི་ ཞུ་ཡིག་བཀང་ཤོག། -བཀང་ཤོག་༤/༡       ཡོངས་འབྲེལ་འཆར་སྒོ་ www.rcsc.gov.bt ལས་ ཕབ་ལེན་འབད་གནང་།

༢.  སློབ་རིམ་༡༠་དང་ ༡༢་པ་ དེ་ལས་ གཙུག་ལག་ཤེས་ཚད་ཀྱི་སྐུགས་ཁྲམ་འདྲ་བཤུས།

༣.  ངོ་སྤྲོད་ལག་ཁྱེར་འདྲ་པར།

༤.  སྨན་ཁང་ནང་ལས་གཟུགས་ཁམས་འཕྲོད་བསྟེན་གྱི་ལག་ཁྱེར།

༥.  ཉེན་སྲུང་ཉོག་མེད་ལག་ཁྱེར།  ཡོངས་འགྲེལ་ཐོག་ལུ་ བརྟག་ཞིབ་འབད་ནི་ཨིན།

 

ཞུ་ཡིག་བཙུག་ཚེས།

ཁྱད་ཚད་ལྡན་མི་མི་ངོམ་ཚུ་གིས་ དབྱིན་ལོ་༢༠༡༩ དབྱིན་ཟླ་༢པའི་ དབྱིན་ཚེས་༢༠གི་ནང་འཁོད་ལུ་ ཐིམ་ཕུག་ཁྲོམ་སྡེའི་ མི་སྟོབས་སྡེ་ཚན་ནང་བཙུགས་ནང་ཟེར་ ཞུ་ནི་ཨིན།

 

ངག་ཐོག་ཆོས་རྒྱུགས་ཀྱི་དོན་ལུ་ བཙག་འཐུ་འདི་ཡང་ གཙུག་ལག་ཤེས་ཚད་ལས་ སྐུགས་བརྒྱ་ཆ་༥༠དང་ སློབ་རིམ་༡༢་པ་ལས་ བརྒྱ་ཆ་༣༠་ དེ་ལས་ སློབ་རིམ་༡༠་པ་ལས་ བརྒྱ་ཆ་༢༠་རེ་ རྩིས་རྐྱབ་སྟེ་ གདམ་འཐུ་འབད་ནི་ཨིན།

 

ངག་ཐོག་ཆོས་རྒྱུགས་ཀྱི་དོན་ལུ་ བཙག་འཐུ་སྒྲུབ་པའི་མིང་ཐོ་ཚུ་ཡང་ ཁྲོམ་སྡེའི་ཡོངས་འབྲེལ་འཆར་སྒོ་ (www.thimphucity.gov.bt)ལུ་ ཁྱབ་བསྒྲགས་འབད་ནི་ཨིན། ཁ་གསལ་གྱི་དོན་ལུ་ ཁྲོམ་སྡེའི་མི་སྟོབས་སྡེ་ཚན་དང་གཅིག་ཁར་ ཡིག་ཚང་གི་དུས་ཚོད་ཁར་ བརྒྱུད་འཕྲིན་ཨང་ ༢༣༢༧༥༡༣གི་ཐོག་ལུ་ འབྲེལ་བ་འཐབ་གནང་ཟེར་ ཞུ་ནི་ཨིན།

 

 

མི་སྟོབས་འགོ་དཔོན།