Notification Period:
21 March 2019
To
30 March 2019

སེམས་རྟོག་ཁ་དང་ བར་བི་ས་E4གི་ས་ཁོངས་ནང་ ལཱ་མཚམས་འཇོག་འབད་འདི་ བཞག་ཡོད་པའི་གནད་དོན།

 

སེམ་རྟོག་ཁ་དང་ བར་བི་ས་E4གི་ས་ཁོངས་ནང་སྡོད་མི་ ཅ་དངོས་ཀྱི་བྱིན་བདག་ཚུ་གིས་ ཁྲོམ་སྡེ་དང་མཉམ་འགྲེལ་གང་དྲགས་མཛད་གནང་མི་འདི་ལུ་ བཀྲིན་ཆེ་ཟེར་ཞུ་ནི་ཨིན། ཨིན་རུང་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱི་དྲུང་ཆེན་ཡིག་ཚང་གིས་ ས་གནས་ས་ཁོངས་འཆར་གཞིའི་ལས་སྣ་ཚུ་ འོས་མཐུན་བཟོ་བའི་བསྒང་ཡོདཔ་ལས་ ས་མཚམས་བཀལ་ནི་དང་ འཆར་གཞི་ཚུ་ཆ་འཇོག་གནང་ནིའི་དོན་ལུ་ དུས་ཚོད་ཨ་ཙི་ཅིག་འགོར་ནི་ཨིན་མས།

འདི་འབདཝ་ལས་ སེམས་རྟོག་ཁ་དང་ བར་བི་ས་E4གི་ས་ཁོངས་ནང་སྡོད་མི་ཚུ་གིས་དོན་ལུ་ གཤམ་འཁོད་ཀྱི་ལཱ་དང་འབྲེལ་བའི་ གསལ་བསྒྲགས་འབད་མི་ནང་ འདས་པའི་གསལ་བསྒྲགས་ཀྱི་ཡུན་ཚང་ཚེས་གྲངས་ལས་ ཟླ་ངོ་༦གི་ གནས་ཡུན་ཡར་སེང་འབདཝ་ཨིན། 

༡. བཟོ་སྐྲུན་ས་ཁོངས་རྒྱ་བསྐྱེད་ཀྱི་ལཱ་དང་ སྤྱིར་བཏང་གི་བཟོ་སྐྲུན་ག་ཅི་རང་ཨིནརུང་།།

༢. ས་ཞིང་སྡེ་ཆུང་བཟོ་ནི།

༣. གནས་སོར་འགྱོ་མི་འདི་གིས་  སྤོ་བཤུད་འབད་ནི་ཨིན་མིའི་ས་འདི་ ལེནདྲ་པུ་ལིང་འཆར་གཞི་ནང་ཚུད་དེ་ སའི་རྒྱ་ཚད་མར་ཕབ་འགྱོ་བའི་ཉེས་པ་ ངོས་ལེན་མ་འབད་བའི་སྐོར།

 

 

ཚུལ་མཐུན་གྱི་དོན་ལུ་ ཁྱབ་བསྒྲགས་འབདཝ་ཨིན།

བཀོད་ཁྱབ་དྲུང་ཆེན།