རིན་བསྡུར་ཡང་བསྐྱར།
ཐིམ་ཕུག་ཁྲོམ་སྡེ་གིས་ དབྱིན་ལོ་༢༠༡༨ དབྱིན་ཟླ་༡༢པའི་ དབྱིན་ཚེས་༨་ཀྱི་ དྲོ་པ་ཆུ་ཚོད་བཅུ་དང་ཕྱེད་ལུ་ ཁྲོམ་སྡེའི་ཞལ་འཛོམས་ཁང་ནང་སྦེ་ སྣུམ་འཁོར་ལྗིད་ཅན་དང་ ལམ་ར་རྙིངམ་ཚུ་བཙོང་ནིའི་དོན་ལུ་ རིན་བསྡུར་གསལ་བསྒྲགས་འབདཝ་ཨིན། རིན་བསྡུར་འདི་ཡང་ “As is where is basis” ཟེར་བའི་བརྗོད་དོན་ཐོག་ལུ་ འགོ་འདྲེན་འཐབ་ནི་ཨིན། རིན་བསྡུར་ནང་ཐོ་བཀོད་འབད་ནི་དང་ དངུལ་ཚབ་ཤོག་འཛིན་ཕྱིར་སྤེལ་འབད་ནི་ཚུ་ རིན་བསྡུར་མ་རན་པའི་བདུན་ཕྲག་གཅིག་གི་ཧེ་མ་ ཁྲོམ་སྡེའི་མཁོ་སྒྲུབ་ཡིག་ཚང་ནང་སྦེ་ འགོ་འདྲེན་འཐབ་ནི་ཨིན། ཚོང་ལས་ཀྱི་ངོ་ཚབ་ག་རང་ཨིན་རུང་ རིན་བསྡུར་ནང་ཐོ་བཀོད་འབད་ཆོག་ནི་ཨིན། འགན་ཚད་ཁ་གསལ་སྦེ་མཁྱེན་ནིའི་དོན་ལུ་ ཁྲོམ་སྡེའི་ཡོངས་འབྲེལ་འཆར་སྒོ་www.thimphucity.btལས་ ཕབ་ལེན་འབད་གནང་།
གནད་དོན་ཁ་གསལ་སྦེ་མཁྱེན་འདོད་ཡོད་པ་ཅིན་ འཕྲུལ་རིག་སྐྱེལ་འདྲེན་འགོ་དཔོན་ བཀྲ་ཤིས་ཚེ་རིང་དང་གཅིག་ཁར་ བརྒྱད་འཕྲིན་ཨང་ ༡༧༦༠༢༡༡༩དང་ མཁོ་སྒྲུབ་འགོ་དཔོན་ འཕྲིན་ལས་རྡོ་རྗེ་དང་གཅིག་ཁར་ བརྒྱུད་འཕྲིན་ཨང་ ༡༧༤༢༡༦༡༠ གི་ཐོག་ལས་ འབྲེལ་བ་མཛད་གནང་།
བཀོད་ཁྱབ་དྲུང་ཆེན།